ནང་ཆེན་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་དམངས་བདེ་དམངས་ཕན་གྱི་བྱ་ཐབས་ཁག་གཅིག་བཏོན་པའི་སྤྱི་བསྒྲགས།
囊谦县人民检察院关于推出一批便民利民措施的公告
自政法队伍教育整顿开展以来,囊谦县人民检察院聚焦群众“急难盼愁”问题,立足检察职能,持续开展“检察为民办实事”活动,积极回应人民群众对新时代检察工作的新要求、新期待,推出9项便民利民措施:
སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་བྱས་པ་ནས་བཟུང་ནང་ཆེན་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་མང་ཚོགས་ཚོའི“དཀའ་ངལ་ཡོད་པའི”གནད་དོན་ལ་དམིགས་ནས་ཞིབ་དཔྱོད་འགན་ནུས་ལ་གཞི་ཚུགས་ཏེ“དམངས་ཀྱི་དོན་དུ་ཞིབ་དཔྱོད་བྱེད་པའི”བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་དང་། མི་དམངས་མང་ཚོགས་ཀྱིས་དུས་རབས་གསར་པའི་ཞིབ་དཔྱོད་ལས་དོན་ལ་བཏོན་པའི་བླང་བྱ་གསར་པ་དང་། རེ་སྒུག་གསར་པར་བརྡ་ལན་ཧུར་ཐག་ཞུས་ནས་དམངས་ལ་སྟབས་བདེ་དང་དམངས་ལ་ཕན་པའི་བྱ་ཐབས་ཁག་9བཏོན་ཡོད་པ་སྟེ།
一、落实群众信访件件有回复制度。利用好12309服务大厅,对群众提出的信访事项做到7日内程序性回复,3个月内办理进展或办理结果答复,确保群众反映的问题事事有答复,件件有回应
གཅིག མང་ཚོགས་ཀྱི་ཡིག་སྐུར་ངོ་བཅར་གྱི་ཡིག་ཆ་དོན་འཁྱོལ་བྱེད་པར་ལན་འདེབས་ལམ་ལུགས་ཡོད། 12309ཞབས་ཞུའི་ཚོམས་ཆེན་བེད་སྤྱོད་ལེགས་པོ་བྱས་ཏེ། མང་ཚོགས་ཀྱིས་བཏོན་པའི་ཡིག་སྐུར་ངོ་གཏུག་གི་དོན་དག་ལ་ཉིན་7ནང་དུ་ལས་རིམ་རང་བཞིན་གྱི་ལན་སྤྲད་པ་དང་།ཟླ་3གྱི་ནང་དུ་བསྒྲུབས་པའི་ལས་ཀའི་འཕེལ་རིམ་མམ་བསྒྲུབས་པའི་དོན་འབྲས་ཀྱི་ལན་སྤྲད་དེ།མང་ཚོགས་ཀྱིས་ཞུས་པའི་གནད་དོན་རེ་རེར་ལན་ཡོད་པ་ཁག་ཐེག་བྱས་ཡོད།
二、落实检察长接待日制度。每个月设定周三、周五两天下午为“检察长接访日”,向社会公开,检察长、副检察长及检委会专职委员值班接访,倾听群众心声,解决信访诉求。
གཉིས། ཞིབ་དཔྱོད་འགོ་འཛིན་གྱི་སྣེ་ལེན་ཉིན་མོའི་ལམ་ལུགས་དོན་འཁྱོལ་བྱས་ཡོད་པ། ཟླ་རེར་གཟའ་ལྷག་པའི་ཉིན་དང་གཟའ་པ་སངས་ཉིན་གྱི་ཕྱི་དྲོར“ཞིབ་དཔྱོད་ཀྲང་གི་འཚམས་འདྲིའི་ཉིན་མོ”གཏན་འཁེལ་བྱས་ནས་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་པ་དང་། ཞིབ་དཔྱོད་ཀྲང་དང་།ཞིབ་དཔྱོད་ཀྲང་གཞོན་པ།ཞིབ་དཔྱོད་ཨུ་ལྷན་གྱི་ཆེད་བསྐོས་ཨུ་ཡོན་གྱིས་ལས་རེས་བྱས་ནས་ངོ་བཅར་ཡོང་མཁན་ལ་སྣེ་ལེན་ཞུས་ཏེ་མང་ཚོགས་ཀྱི་བསམ་འདུན་ཉན་པ་དང་ཡིག་བསྐུར་ངོ་བཅར་གྱི་རེ་ཞུ་ཐག་གཅོད་བྱེད་དགོས།
三、维护群众“舌尖上”的安全。充分立足检察职能,聚焦食品安全民生热点,持续开展食品药品专项监督活动,保障群众“舌尖上”的安全。开展调查走访,集中排查安全隐患和行业监管漏洞,制发检察建议,确保监督到位,与有关部门会商形成协作配合、共同治理的长效机制,推动问题解决。
གསུམ། མང་ཚོགས་ཀྱི་“བཟའ་བཅའི”བདེ་འཇགས་སྲུང་སྐྱོང་བྱ་དགོས། ཞིབ་དཔྱོད་ཀྱི་འགན་ནུས་ལེགས་པར་གཉེར་བ་དང་།དམངས་འཚོའི་གླེང་ཆ་ཆེ་བའི་ཟས་རིགས་བདེ་འཇགས་ལ་དམིགས་པ། ཟས་རིགས་དང་སྨན་རྫས་ལ་ཆེད་དོན་ལྟ་སྐུལ་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་བཅས་བྱས་ནས་མང་ཚོགས་ཀྱི་“བཟའ་བཅའི་”བདེ་འཇགས་ཡོང་བར་འགན་སྲུང་བྱས་ཡོད། བརྟག་དཔྱད་དང་ངོ་བཅར་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་ལས་རིགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་སྐྱོན་ཆ་གཅིག་སྡུད་ཀྱིས་གྲལ་བཤེར་དང་། ཞིབ་དཔྱོད་ཀྱི་གྲོས་འགོ་བཟོས་ཏེ་ལྟ་སྐུལ་གནད་ལ་འཁེལ་བའི་འགན་ལེན་བྱས་ཐོག་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གྲོས་མོལ་བྱས་ནས་རོགས་ལས་གཞོགས་འདེགས་དང་ཐུན་མོང་ཐོག་བཅོས་སྐྱོང་བྱེད་པའི་ཡུན་ཕན་ལམ་སྲོལ་ཆགས་པར་བྱས་ཏེ་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ཡོད།
四、积极开展司法救助。因遭受违法犯罪、民事侵权等侵害无法通过诉讼获得赔偿,且生活面临急迫困难的被害人,特别是未成年人、脱贫户、残疾人、军人军属等四类特殊群体,为其发放司法救助金,切实帮助解决实际困难。
བཞི། ཁྲིམས་འཛིན་སྐྱོབ་རོགས་ཧུར་ཐག་བྱས་ཡོད། ཁྲིམས་འགལ་ཉེས་གསོག་དང་དམངས་དོན་ཁེ་དབང་ལ་གནོད་འཚེ་ཕོག་པ་སོགས་ཀྱིས་རྐྱེན་པས་གཏུག་བཤེར་བརྒྱུད་སྐྱིན་ཚབ་ཐོབ་ཐབས་བྲལ་བ་མ་ཟད། འཚོ་བའི་ཐད་དཀའ་ངལ་འཕྲད་པའི་གནོད་འཚེ་ཕོག་མཁན་དང་ལྷག་པར་དུ་ནར་མ་སོན་པའི་མི་དང་།དབུལ་སྒྲོལ་དུད་ཚང།དབང་པོ་སྐྱོན་ཅན།དམག་མི་དང་དམག་མིའི་ཁྱིམ་མི་སོགས་དམིགས་བསལ་ཚོགས་སྤྱི་རིགས་བཞིས་དེ་དག་ལ་ཁྲིམས་འཛིན་གྱི་རོགས་སྐྱོབ་མ་དངུལ་སྤྲད་ནས་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱས་ཡོད།
五、构建未成年人司法保护屏障,守护未成年人健康成长。深化落实最高检“一号检察建议”,联合相关职能部门,积极推进侵害未成年人案件强制报告、密切接触未成年人行业入职查询、法治副校长、法治课间餐、校园及周边安全治理等未成年人司法保护机制的落实。加大对未成年被害人、留守儿童、困境儿童等特殊群体关爱救助力度。积极预防未成年人犯罪,提高未成年人自我保护意识。
ལྔ། ནར་མ་སོན་པའི་མིའི་ཁྲིམས་འཛིན་སྲུང་སྐྱོང་གི་སྲུང་ཡོལ་བསྐྲུན་ནས་ནར་མ་སོན་པའི་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་སྲུང་སྐྱོང་བྱས་ཡོད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་“ཞིབ་དཔྱོད་གྲོས་འགོ་ཨང་དང་པོ་”དོན་འཁྱོལ་གཏིང་ཟབ་བྱས་པ་དང་། འབྲེལ་ཡོད་འགན་ནུས་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ།ནར་མ་སོན་པའི་སྐྱེ་བོར་གནོད་འཚེ་བཏང་བའི་གྱོད་དོན་བཙན་ཤེད་སྙན་ཞུ་དང་། ལོ་ན་མ་སོན་པའི་སྐྱེ་བོའི་ལས་རིགས་ཞུགས་འཐུས་འདྲི་རྩད། ཁྲིམས་སྐྱོང་ཞའོ་ཀྲང་གཞོན་པ། ཁྲིམས་སྐྱོང་སློབ་གསེང་ཟས། སློབ་ར་དང་དེའི་མཐའ་སྐོར་གྱི་བདེ་འཇགས་བཅོས་སྐྱོང་སོགས་ལོ་ན་མ་སོན་པའི་སྐྱེ་བོའི་ཁྲིམས་འཛིན་སྲུང་སྐྱོང་ལམ་སྲོལ་དོན་འཁྱོལ་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ཡོད། ལོ་ན་མ་སོན་པའི་གནོད་འཚེ་འཕོག་མཁན་དང་།གཞིས་སྲུང་བྱིས་པ།དཀའ་ངལ་ཡོད་པའི་བྱིས་པ་སོགས་པའི་ཚོགས་སྤྱི་དམིགས་བསལ་ཅན་ལ་སེམས་ཁུར་དང་སྐྱོབ་རོགས་བྱེད་ཤུགས་ཆེ་རུ་གཏོང་དགོས། ལོ་ན་མ་སོན་པའི་སྐྱེ་བོས་བྱས་ཉེས་གསོག་རིགས་སྔོན་འགོག་ཧུར་ཐག་བྱས་ནས་ལོ་ན་མ་སོན་པའི་སྐྱེ་བོས་རང་ཉིད་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཆེ་རུ་གཏོང་བ།
六、健全支持起诉机制,保障弱势群体合法权益。全面准确把握法律对弱势群体特别保护的精神,充分运用支持起诉检察职能,加大对未成年人、农民工、贫困群众等弱势群体民事诉讼支持起诉力度,有效维护权益,化解矛盾纠纷。加强与有关机关和社会组织的联系协作,综合运用打击犯罪、支持起诉、公益诉讼、司法救助等手段,助力“精准脱贫”,回应人民群众对美好生活的向往。
དྲུག ཞུ་གཏུག་ལ་རྒྱབ་སྐྱོར་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཉམས་ཞན་ཚོགས་སྤྱིའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་དགོས། བཅའ་ཁྲིམས་ཀྱིས་ཉམས་ཞན་ཚོགས་སྤྱི་ལ་དམིགས་བསལ་སྲུང་སྐྱོང་བྱེད་པའི་སྙིང་སྟོབས་ཁྱོན་ཡོངས་ནས་ཁོང་དུ་ཡང་དག་ཆུད་པ་དང་། ཞུ་གཏུག་ལ་རྒྱབ་སྐྱོར་བྱེད་པའི་ཞིབ་དཔྱོད་འགན་ནུས་གང་ལེགས་སྤྱོད་པ། སྐྱེ་བོ་ལོ་ན་མ་སོན་པ་དང་། ཞིང་པ་ལས་མི། མང་ཚོགས་དབུལ་པོ་སོགས་ཉམས་ཞན་ཚོགས་སྤྱི་ལ་དམངས་དོན་གཏུག་བཤེར་ལ་རྒྱབ་སྐྱོར་དང་ཞུ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་དབང་སྲུང་སྐྱོང་ནུས་ལྡན་དང་འགལ་བ་དང་རྩོད་གཞི་འདུམ་འགྲིག་བཅས་བྱེད་དགོས། འབྲེལ་ཡོད་ལས་ཁུངས་དང་སྤྱི་ཚོགས་རྩ་འཛུགས་དང་འབྲེལ་གཏུག་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་།ཞུ་གཏུག་ལ་རྒྱབ་སྐྱོར་བྱེད་པ། སྤྱི་ཕན་གཏུག་བཤེར་བྱེད་པ། ཁྲིམས་འཛིན་སྐྱོབ་རོགས་བྱེད་པ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཀྱིས་སྤྱད་དེ།“གནད་འཕིགས་དབུལ་སྒྲོལ་”ལ་རམ་འདེགས་དང་།མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཡིད་སྨོན་ལ་ཨ་ལན་སློག་དགོས།
七、加大检察听证力度。对于符合条件的案件,按照“能听尽听”原则,举行公开听证,加强和规范听证方式审查案件工作,切实促进司法公开、保障司法公正、提升司法公信,实现案件办理效果的双赢多赢共赢。
བདུན། ཞིབ་དཔྱོད་དཔང་ཉན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཆ་རྐྱེན་དང་མཐུན་པའི་གྱོད་གཞིའི་ཐད“ཉན་འོས་པར་གང་ཡོད་ཉན་པའི”རྩ་དོན་གཞིར་བཟུང་ཡོངས་བསྒྲགས་ངང་དཔང་ཉན་བྱེད་པ་དང་། དཔང་ཉན་བྱེད་སྟངས་ཚད་ལྡན་དུ་བཏང་ནས་གྱོད་གཞིར་ཞིབ་བཤེར་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་འཛིན་ཡོངས་བསྒྲགས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཁྲིམས་འཛིན་དྲང་གཞག་འགན་ལེན་བྱེད་པ། ཁྲིམས་འཛིན་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་གྱོད་གཞི་སྒྲུབ་གཉེར་གྱི་ཕན་འབྲས་གང་ཐོབ་པ་བྱེད་དགོས།
八、加大“三个规定”宣传力度。制作防止干预司法“三个规定”宣传手册和告知书,将“三个规定”宣传手册放置在12309检察服务中心,方便群众学习了解。发放“三个规定”告知书给案件当事人或律师,加大“三个规定”社会面宣传力度,营造风清气正社会氛围。
བརྒྱད། “གཏན་འབེབས་གསུམ་”དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁྲིམས་འཛིན་ལ་ཐེ་ཇུས་བྱེད་པའི་“གཏན་འབེབས་གསུམ་”གྱི་དྲིལ་བསྒྲགས་ལག་དེབ་དང་གསལ་བརྡ་ཡི་གེ་བཟོ་བ་དང་། “གཏན་འབེབས་གསུམ་”གྱི་དྲིལ་བསྒྲགས་ལག་དེབ་12309ཡི་ཞིབ་དཔྱོད་ཞབས་ཞུའི་ལྟེ་གནས་སུ་བཞག་སྟེ་མང་ཚོགས་ཀྱིས་སློབ་སྦྱོང་དང་ཤེས་རྟོགས་བྱེད་པར་སྟབས་བདེ་བསྐྲུན་ཡོད། “གཏན་འབེབས་གསུམ”གྱི་གསལ་བཤད་ཡི་གེ་སྤྲད་ནས་གྱོད་གཞིའི་དོ་བདག་གམ་ཡང་ན་ཁྲིམས་རྩོད་པར“གཏན་འབེབས་གསུམ”གྱི་སྤྱི་ཚོགས་ཀྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱོད་གཙང་གཞུང་དྲང་གི་སྤྱི་ཚོགས་རྣམ་པ་ཞིག་གཏོད་དགོས།
九、落实案件信息公开制度。提供重要案件信息数据公开工作,立足主责主业,对应当公开的法律文书信息进行审查核对,及时在“12309中国检察网”予以公开。
དགུ། གྱོད་གཞིའི་ཆ་འཕྲིན་ཡོངས་བསྒྲགས་ལམ་ལུགས་དོན་འཁྱོལ་བྱེད་དགོས། གལ་ཆེའི་གྱོད་གཞིའི་ཆ་འཕྲིན་གྲངས་གཞི་ཡོངས་བསྒྲགས་ཀྱི་ལས་དོན་སྤེལ་ནས་འགན་གཙོ་བོ་འཁུར་མཁན་ལ་གཞི་ཚུགས་ཏེ་ཡོངས་བསྒྲགས་བྱེད་དགོས་པའི་བཅའ་ཁྲིམས་ཡིག་ཆའི་ཆ་འཕྲིན་ལ་ཞིབ་བཤེར་ཞིབ་བསྡུར་བྱས་ནས“12309ཀྲུང་གོའི་ཞིབ་དཔྱོད་དྲ་བར”དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་དགོས།